ཁྲི་རལ་པ་ཅན།
༤༠༽ བཙན་པོའི་ཐུགས་རབ་ཏུ་སྐྱོ་ཞིང༌། ཞྭ་ལྷ་ཁང་གི་མདུན་དུ་མྱང་ཏིང་འཛིན་ལ་དྲིན་གཟོ་བའི་རྗེས་དྲན་རྡོ་རིང་བཞེངས་སུ་བཅུག་ནས། ཕྱི་ལོའི་ལོ་མཆོད་སྐབས་སུ་གཟེངས་བསྟོད་ཀྱི་ཕྱག་ཡིག་ཕབ་པའི་བཀའ་དྲིན་བསྩལ།
༤༡༽ རྡོ་རིང་གི་ནང་དོན་གཙོ་བོ་ནི། རྒྱལ་པོ་སྐུ་ཆུང་ངུ་ནས་སྲིད་ཁྲིར་མ་ཕེབས་བར་ཡབ་ཡུམ་གྱི་སྐུ་ཚབ་དང༌། དེའི་རྗེས་ཀྱང་བློན་ཆེན་གནང་ནས་འཕྲལ་ཡུན་ཀུན་དགེའི་ཆོས་སྲིད་ཀྱི་མཛངས་པའི་ཕྱག་རྗེས་ཆེ་ཚུལ་སོགས་ཡིན།
༤༢༽ དེ་ནས་བཙན་པོ་ལའང་གློ་བུར་བའི་ཟས་དུག་ཅིག་ཕོག་ནས་དྲག་བསྐྱེད་མ་བྱུང་པར། སྲས་ཆེ་བ་ཁྲི་གཙུག་ལྡེ་བཙན་ལ་ཆོས་སྲིད་ཀྱི་ཞལ་ཆེམས་གནང་ནས་སྐུ་གཤེགས། གོང་མའི་དམག་དཔོན་ཝུའུ་ཁྲུང་ཆི་འདས་མཆོད་ལ་ཕེབས།
༤༣༽ ལོ་མཇུག་དེར། ཆོས་བློན་བྲན་ཀ་དཔལ་གྱི་ཡོན་ཏན་དང༌། ཕྱི་བློན་སྦ་མང་རྗེ་ལྷ་ལོད་ཀྱིས་གཙོས་པའི་བློན་ཆེན་ཚོས་དགུང་ན་བཅུ་གཉིས་ལ་སོན་པའི་སྲས་ཆེ་བ་ཁྲི་གཙུག་ལྡེ་བཙན་རྒྱལ་ཁྲིར་གསོལ།
༤༤༽ ཁོང་གིས། “ལྷ་ཁང་གསར་བཞེངས་དང༌། འབངས་བདེ་ལ་འགོད་པ། གནོད་པའི་དགྲ་ལ་དམག་རྒྱག་པ་བཅས་ནི་ཡབ་མེས་དག་གི་མཛད་སྲོལ་ཡིན། ངས་འདི་གསུམ་ཆ་དུས་གཅིག་ལ་བྱེད་དོ། །”ཞེས་གསུངས།